[141B]༄༅། །ཐུགས་ [142A]༄༅། །རྗེ་ཆེན་པོ་མཆོད་སྦྱིན་གྱི་དབང་པོ་ལ་ཕྱག་འཚལ་ལོ། །དེ་ནས། གཙོ་བོ་མཆོད་བྱ་མཆོད་སྦྱིན་བཞེས། །ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དཔལ་ཉིད། །གཙོར་བཅས་སངས་རྒྱས་སྲས་བཅས་ལ། །དད་པས་སྐྱབས་སུ་སོང་ ནས་ནི། །སྙིང་རྗེ་ཆེན་པོས་གཏོར་མ་སྦྱིན། །བདག་ཉིད་ལྷ་ཡི་རྣལ་འབྱོར་པས། །ལྕེ་དང་ལག་པ་སྣོད་དང་བཅུད། །གསང་སྔགས་རྒྱལ་པོས་བྱིན་བརླབས་ལ། །གཟི་བསྐྱེད་ཟབ་ཅིང་རྒྱ་ཆེས་མཆོད། །ཧྲཱི་ཨཱཧཱུཾ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ། རྀ་རཱྀ་ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ་ ལྕེ་བྱིན་གྱིས་བརླབ་པའོ། །ཨ་ཨ་ཧཱུཾ་ཧཱུཾ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ལག་པ་བྱིན་གྱིས་བརླབ་པའོ། །ཧཱུཾ་ཀཙ་ཊ་ཏ་པ་ཡ་ཥ་ཀྵ། བཅུད་བྱིན་གྱིས་བརླབ་པའོ། །ཨོཾཨཱཧཱུཾ་བཾ་ཏོགྯི་བྱིན་བསྐྱེད་པའོ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏཱཏ་བི་ཤུདྡྷ་སཱ་ཧཱ། ཟབ་པར་བསྒྲུབ་པའོ། །ཨོཾ་ཨཱ་ཧྲཱི་སརྦ་ཏ་ཐཱ་ག་ཏོ་ཨ་དྷིཥྛཱ་ན་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་མུ་ཏྲ་དྲྀཌྷ་ཧཱུཾ། རྒྱ་ཆེ་བར་བསྒྲུབ་པའོ། །ཨོཾ་ཨཱཧྲཱིཤྲཱི་ལོ་ཀ་ནཱ་ཐ་སརྦ་བུདྡྷ་བོ་དཧི་སཏ་ས་ཀ་ལ་ཨིཥྚ་དེ་བ་ཏ་སརྦ་དྷརྨཱ་པཱ་ལ་ པུཥྤཾ། དྷཱུ་པཾ། དའི་པཾ། གནྡྷཾ། ནཻ་བིདྱཾ། ཤེབྟ། མཎྜ་ལ། བ་ལིཾ་ཏ། ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་གརྫ་པ་རི་པུ་དྱཾ། མེ་མ་རཀྵ་ཧཱུཾ་ཧཱུཾ་ཕཊ་སཱ་ཧཱ། དབུལ་བ་དང་ལས་བཅོལ་བའི་སྔགས་སོ། །དཔག་མེད་འཇིག་རྟེན་མགོན་འཁོར་ལོ། །འཇིག་རྟེན་འདས་དང་འཇིག་རྟེན་པས། ། ལེགས་བསྐོར་འོད་ཟེར་ལྗགས་སྦུབས་ཀྱིས། །བདུད་རྩིའི་གཏོར་མ་བཞེས་པར་འགྱུར། །ཐུགས་རྗེ་ཆེན་པོའི་གཏོར་མའི་ཆོ་ག་རྫོགས་སོ།།